[ English ] [ 中文 ]
0891-6325020
དབུ་ཤོག>འཛམ་གླིང་རྒྱང་ལྟ།>དུས་ཐོག་གསར་འགྱུར།
  • མ་ལིར་སྐྱོད་མཁན་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དཔུང་སྡེ་ཁག་བདུན་པ་རྡོག་ཐོན་བྱས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-17

     ཚེས་14ཉིན་གྱི་སྔ་དྲོ། མ་ལིར་སྐྱོད་མཁན་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དཔུང་སྡེ་ཁག་བདུན་པ་ཧར་པིན་ཞི་བདེ་རྒྱལ་སྤྱིའི་གནམ་ཐང་དུ་དམ་བཅའ་བཞག་ཏེ་རྡོག་ཐོན་བྱས་པ་དང་། ཁོང་ཚོས་དུས་ཡུན་ལོ་གཅིག་གི་རྒྱལ་སྤྱིའི་ཞི་བདེ་སྲུང་སྐྱོང་ལས་འགན་སྒྲུབ་རྒྱུ་རེད།

    མ་ལིར་སྐྱོད་མཁན་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དཔུང་སྡེ་ཁག་བདུན་པར་ཁྱོན་མི་413ཡོད་པའི་ནང་ཉེན་སྲུང་ཡན་ལག་རུ་ཁག་གི་མི་210དང་། བཟོ་སྐྲུན་དམག་ཡན་ལག་རུ་ཁག་གི་མི་140 སྨན་བཅོས་ཡན་ལག་རུ་ཁག་གི་མི་63བཅས་ཡོད་པ་རེད། ཉེན་སྲུང་དང་བཟོ་སྐྲུན་དམག་ཡན་ལག་རུ་ཁག་ནི་འབུམ་ཤོག་ཆེ་མོ་ཨང་78པའི་མཉམ་གྲུབ་ལུའི་ཞིག་དང་བཟོ་སྐྲུན་རྫས་འགྱུར་གནོད་འགོག་ལུའི་ཞིག་གཙོ་བོར་བྱས་ནས་བཙུགས་པ་དང་། སྨན་བཅོས་ཡན་ལག་རུ་ཁག་ནི་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་མཉམ་འབྲེལ་རྒྱབ་ཕྱོགས་མཁོ་སྒྲུབ་འགན་སྲུང་དཔུང་སྡེའི་སྨན་ཁང་ཨང་962ནས་ཆེད་ལས་མི་སྣ་འཐེན་ནས་གྲུབ་པ་ཞིག་རེད། ཁོང་ཚོས་ཞི་བདེ་སྲུང་སྐྱོང་དཔུང་སྡེ་ཁག་དྲུག་པའི་ལས་ཀ་རྩིས་བླངས་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཆེད་བསྐོས་ཚོགས་པའི་ཤར་འཐབ་ཁུལ་གྱི་ཅ་ཨའོ་རིམ་མཐོའི་སྒར་ཁུལ་གྱི་བདེ་འཇགས་ཉེན་སྲུང་དང་། ལས་འགན་ཁུལ་གྱི་འགྲོ་ལམ། གནམ་ཐང་འཛུགས་སྐྲུན། སྨན་བཅོས་འགན་ལེན། མཁའ་དབྱིངས་སྨན་བཅོས་སྐྱོབ་རོགས་སོགས་ཀྱི་ལས་འགན་འཁུར་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།