[ English ] [ 中文 ]
0891-6325020
དབུ་ཤོག>འཛམ་གླིང་རྒྱང་ལྟ།>དུས་ཐོག་གསར་འགྱུར།
  • ཧིན་རྡུ་ཉི་ཞི་ཡར་རྒྱ་ཡིག་སློབ་མཁན་དགེ་རྒན་གཞོན་ནུ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-14

    ཧིན་རྡུ་ཉི་ཞི་ཡར་རྒྱ་ཡིག་སློབ་མཁན་དགེ་རྒན་གཞོན་ནུ་ཧྲི་དབྱི་ཧྥན་ནི“རྒྱ་ཡིག་སྦྱོང་བའི་ཚ་རླབས་འཕྱུར་བའི”དཔང་པོ་བྱེད་མཁན་གྱི་གྲས་ཤིག་རེད། 2006ལོར་ནན་ཅིན་ཞའོ་ཀྲོང་སློབ་གླིང་ཐོན་པའི་ཧྲི་དབྱི་ཧྥན་ཅ་ཁར་ཐའི་རྒྱལ་སྤྱིའི་སློབ་གྲྭ་ཞིག་ཏུ་བསྐྱོད་ནས་རྒྱ་ཡིག་སློབ་ཚན་ཁྲིད་པ་དང་། རྗེས་སུ་ད་ཆའི་སློབ་གྲྭར་བསྐྱོད་ནས་སློབ་གྲྭ་འདིའི་རྒྱ་ཡིག་སློབ་ཚན་འཁྲིད་མཁན་དགེ་རྒན་དང་པོར་གྱུར་པ་རེད།

    2019ལོ་ནི་ཧྲི་དབྱི་ཧྥན་ཧིན་རྡུ་ཉི་ཞི་ཡར་ལས་ཀ་བྱས་པའི་ལོ་13པ་དེ་རེད། ཁོང་གིས་རང་ཉིད་ཀྱི་སློབ་ཁྲིད་བྱ་ཐབས་རིམ་གྱིས་འཚོལ་ཞིབ་བྱས་ནས་སློབ་མ་ཚོའི་རྒྱ་ཡིག་ཆུ་ཚད་མཐོ་རུ་ནུས་ལྡན་བཏང་ཡོད། ཁོང་གི་དཔང་པོའི་འོག་སློབ་གྲྭར་རྒྱ་ཡིག་སྦྱོང་མཁན་སློབ་མ་ཇེ་མང་དུ་འགྲོ་བཞིན་ཡོད། ད་དུང་ཁོང་གིས་སློབ་གྲྭར་རྒྱ་ཡིག་དགེ་རྒན་དེ་བས་མང་བ་གདན་འདྲེན་ཞུ་རོགས་བྱས་ཡོད། ཧྲི་དབྱི་ཧྥན་གྱིས“འདས་ཟིན་པའི་བྱ་བ་ཆུང་ཙག་ལ་ཕྱིར་དྲན་བྱེད་སྐབས། ཕྲུ་གུ་ཚོ་འཚར་ལོངས་བྱེད་པའི་བརྒྱུད་རིམ་ཡིད་ལ་འཁོར་གྱི་འདུག”ཅེས་བརྗོད་ཅིང་།

    འདི་ནི་ཧིན་རྡུ་ཉི་ཞི་ཡའི་ཅ་ཁར་ཐའི་རྒྱལ་བཙུགས་སློབ་གྲྭ་ཞིག་ཏུ་ཧྲི་དབྱི་ཧྥན་གྱིས་སློབ་གྲྭའི་དཔེ་མཛོད་ཁང་དུ་དཔྱད་ཡིག་འཚོལ་བཞིན་པ།

    འདི་ནི་ཧིན་རྡུ་ཉི་ཞི་ཡའི་ཅ་ཁར་ཐའི་རྒྱལ་བཙུགས་སློབ་གྲྭ་ཞིག་ཏུ་ཧྲི་དབྱི་ཧྥན་གྱིས་རྒྱ་ཡིག་སློབ་ཚན་ཚོད་རྒྱུགས་གཏོང་བཞིན་པ།

    འདི་ནི་ཧྲི་དབྱི་ཧྥན་གྱིས་སློབ་ཚན་རྒྱ་ཡིག་སློབ་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།