[ English ] [ 中文 ]
0891-6325020
དབུ་ཤོག>འཛམ་གླིང་རྒྱང་ལྟ།>དུས་ཐོག་གསར་འགྱུར།
  • ​ གཏན་འབེབས་གསར་པ་ཁག་ཅིག་ཟླ་4པ་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-04-04

    སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་གི་འབྲེལ་ཡོད་འགན་འཁུར་མི་སྣས་སློབ་མ་དང་མཉམ་དུ་ལྟོ་ཆས་ཟ་བའི་ལམ་ལུགས་ལག་ལེན་བསྟར་རྒྱུ།

    སློབ་གསོ་པུའུ་དང་། རྒྱལ་ཁབ་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་བཅས་ཀྱིས《སློབ་གྲྭའི་བཟའ་བཅའི་བདེ་འཇགས་དང་འཚོ་བཅུད་བདེ་ཐང་གི་དོ་དམ་གཏན་འབེབས》ཐུན་མོང་ཐོག་བཟོས་ཏེ་ཟླ་4ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ།

    རྒྱལ་མཚམས་འགྲོ་འོང་ལག་ཁྱེར་རྒྱལ་ཡོངས་ཀྱི་ས་ཆ་ཚང་མར་གཉེར་ཆོག་པ།

    རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་ཀྱིས་ཟླ་4ཚེས་1ཉིན་ནས་བཟུང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱིར་བཏང་ལམ་ཡིག་དང་། ཤང་ཀང་དང་ཨའོ་མོན་དུ་འགྲོ་འོང་བྱེད་པའི་ཐོངས་མཆན། ཐའེ་དབན་ལ་འགྲོ་འོང་བྱེད་པའི་ཐོངས་མཆན་སོགས་རྒྱལ་མཚམས་འགྲོ་འོང་ལག་ཁྱེར་རྒྱལ་ཁབ་ཀྱི་ས་ཆ་ཚང་མར་གཉེར་ཆོག་གི་ཡོད།

    གློག་སྒུལ་རྐང་འཁོར་ལ་བཙན་སྡོམ་རང་བཞིན་གྱི་རྒྱལ་ཁབ་ཀྱི་ཚད་གཞི་གསར་པ་བཟོས་པ།

    《གློག་སྒུལ་རྐང་འཁོར་གྱི་བདེ་འཇགས་ལག་རྩལ་གྱི་ཚད་གཞི》2019ལོའི་ཟླ་4ཚེས་15ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ།

    ཐོན་སྐྱེད་བདེ་འཇགས་ལས་འཛོལ་གྱི་འཕྲལ་སྡོམ་ཐད“བྱ་སྤྱོད་ཀྱི་ཚད་གཞི”ཡོད་པ།

    《ཐོན་སྐྱེད་བདེ་འཇགས་ལས་འཛོལ་གྱི་འཕྲལ་སྡོམ་སྲོལ་ཡིག》ཟླ་4ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་བ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།