[ English ] [ 中文 ]
0891-6325020
དབུ་ཤོག>འཛམ་གླིང་རྒྱང་ལྟ།>དུས་ཐོག་གསར་འགྱུར།
  • ཧོ་པེའི་ཧྲེན་ཀྲོའུ་རུ་ཞིང་ལས་འཕྲུལ་ཆས་ལ་ཞིབ་བཟོ་བྱས་ནས་སྟོན་ཁའི་རྨོ་འདེབས་བསྡུ་གསུམ་ལ་གྲ་སྒྲིག་བྱེད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-09-22

    552704_yis_1537506031814_b.jpg

    ཉེ་ཆར། ཧོ་པེ་ཞིང་ཆེན་ཧྲེན་ཀྲོའུ་གྲོང་ཁྱེར་གྱིས“ཞིང་ལས་འཕྲུལ་ཆས་ཀྱི་ཞབས་འདེགས་གྲོང་གསེབ་ཏུ་ཞུ། གྲོང་གསེབ་དར་རྒྱས་བྱ་སྤྱོད་ལ་ཐུག”པའི་བརྗོད་དོན་གཅོ་བོའི་བྱེད་སྒོ་སྤེལ་བ་དང་། ཞིང་ལས་འཕྲུལ་ཆས་སྡེ་ཚན་གྱིས་ཆེད་ལས་ལག་རྩལ་མི་སྣ་སྒྲིག་འཛུགས་བྱས་ནས་གྲོང་གསེབ་དང་། ཞིང་ལས་འཕྲུལ་ཆས་མཉམ་ལས་ཁང། ཞིང་ལས་འཕྲུལ་ཆས་ཉམས་གསོའི་ས་ཚིགས་བཅས་སུ་བསྐྱོད་དེ་ཞིང་ལས་འཕྲུལ་ཆས་ཀྱི་ཞིབ་བཟོ་དང་། ཉམས་གསོ། སྙོམས་སྒྲིག་ཚོད་ལྟ་བཅས་ཀྱི་ལས་ཀ་ཡག་པོ་སྒྲུབ་རྒྱུར་མཛུབ་ཁྲིད་བྱས་པ་དང་གྲོང་ཁྱེར་ཡོངས་ཀྱི་ཞིང་ལས་འཕྲུལ་ཆས་ཆེ་གྲས་6000ལྷག་འཁོར་རྒྱུག་ལེགས་པོ་ཡོང་བར་འགན་ལེན་བྱས་ཏེ་ནུས་ཤུགས་ཡོད་རྒུས་སྟོན་བསྡུ་སྟོན་འདེབས་ལ་གྲ་སྒྲིག་བྱས་ཤིང་། ཉེ་ཆར། ཧོ་པེ་ཞིང་ཆེན་ཧྲེན་ཀྲོའུ་གྲོང་ཁྱེར་གྱི་ཞིང་ལས་འཕྲུལ་ཆས་ཆེད་ལས་མཉམ་ལས་ཁང་གི་ལས་མིས་ལྦེ་ཅ་ཆའོ་གྲོང་རྡལ་མ་ཅ་དབན་གྲོང་ཚོར་གསར་དུ་ཉོས་པའི་འདྲུད་འཐེན་འཁོར་ལོ་ཆེ་གྲས་ཉམས་གསོ་བྱེད་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།