[ English ] [ 中文 ]
0891-6325020
དབུ་ཤོག>འཛམ་གླིང་རྒྱང་ལྟ།>དུས་ཐོག་གསར་འགྱུར།
  • རི་ཁུག་ཕྲུ་གུ་ཚོའི“ལུས་རྩལ་ཕུགས་འདུན”

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-05-27

    ཀུའེ་ཀྲོའུ་ཞིང་ཆེན་ཤར་ལྷོའི་མེའོ་རིགས་དང་ཏུང་རིགས་རང་སྐྱོང་ཀྲོའུ་རུང་ཅང་རྫོང་ནི་ཉི་ཟླ་རི་བོའི་ཕུག་ཏུ་གནས་པ་དང་། མེའོ་རིགས་དང་ཏུང་རིགས་ཀྱིས་གཙོས་གྲངས་ཉུང་མི་རིགས་ཀྱིས་མི་འབོར་གྱི་ཕལ་ཆེ་བ་བཟུང་བ་དང་། རྒྱལ་ཁབ་རིམ་པའི་རྫོང་དབུལ་པོ་ཞིག་རེད། ཡིན་ནའང་ཐག་རིང་ལུང་ཁུག་ཏུ་གནས་པའི་རྫོང་གྲོང་ཆུང་ངུ་དེས་ལོ་བཅུ་ཕྲག་ཁ་ཤས་རིང་ལོ་ཆུང་བྱིས་པར་ལུས་རྩལ་སྦྱོང་བརྡར་མཐའ་འཁྱོངས་བྱས་པ་དང་འབྲེལ། རྫོང་ཡོངས་ཀྱི་ལྷན་སྐྱེས་ལུས་སྦྱོང་ལ་མཁས་པའི་ལོ་ཆུང་བྱིས་པར་རིན་མི་དགོས་པར་གཅིག་སྡུད་གསོ་སྦྱོང་བྱས་པ་རེད། མིག་སྔར་རྫོང་དེའི་བྱིས་པ་60ལྷག་ཙམ་གྱིས་ལས་ཞོར་དུ་ལུས་སྦྱོང་ལུས་རྩལ་སློབ་གྲྭར་སྦྱོང་བརྡར་བྱེད་ཀྱི་ཡོད་པ་དང་། ཕྲུ་གུ་ཚོས་གྲང་ངར་ཆེ་བའི་གནམ་གཤིས་ལ་མི་སྐྲག་པར་དཀའ་སྤྱད་སྦྱོང་བརྡར་བྱས་ཏེ་རང་ཉིད་ཀྱི“ལུས་རྩལ་ཕུགས་འདུན”དོན་གཉེར་བྱེད་ཀྱི་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། 1972ལོ་ནས་བཟུང་རུང་ཅང་རྫོང་གིས་སྔ་རྗེས་སུ་ཀུའེ་ཀྲོའུ་ཞིང་ཆེན་ལུས་སྦྱོང་རུ་ཁག་དང་འཕར་མཆོང་དྲ་སྟེགས་རུ་ཁག་ཏུ་ལུས་རྩལ་པ་21མངགས་པ་དང་། དེའི་ནང་ལུས་རྩལ་པ་6རྒྱལ་ཁབ་ལུས་སྦྱོང་རུ་ཁག་ནང་ཚུད་པ་དང་། ལུས་རྩལ་པ་10ལ“རྒྱལ་ཁབ་ཀྱི་ལུས་རྩལ་པ་ཕུལ་བྱུང་རིམ་པའི་ལུས་རྩལ་པའི”མཚན་སྙན་ཐོབ་པ། ལུས་རྩལ་པ་5ལ“རྒྱལ་སྤྱིའི་ལུས་རྩལ་པ་ཕུལ་བྱུང་རིམ་པའི་ལུས་རྩལ་པའི”མཚན་སྙན་ཐོབ་ཡོད། དེའི་ནང་ལུས་སྦྱོང་ལུས་རྩལ་པ་གྲགས་ཅན་ལིའུ་རུང་པིན་ནི་2014ལོའི་ལུས་སྦྱོང་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་གྱི་སྐྱེས་པ་ཚོགས་པའི་ཨང་དང་པོ་ཐོབ་མཁན་གྱི་ཁོངས་མིའི་གྲས་ཤིག་ཡིན་པ་དང་། 2004ལོར་ཀུའེ་ཀྲོའུ་ཞིང་ཆེན་ལུས་རྩལ་ཅུས་ཀྱིས་རུང་ཅང་རྫོང་ལ“ཀུའེ་ཀྲོའུ་ཡི་ལུས་སྦྱོང་དར་ཡུལ”གྱི་མཚན་སྙན་སྤྲད་པ་རེད། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས།

    514775_yis_1527049134068.jpg

    འདི་ནི་སློབ་མ་ཞུས་ཙེ་ཧན(གཡས་ཀྱི་དང་པོ)གྱིས་རུང་ཅང་རྫོང་ལོ་ཆུང་བྱིས་པའི་ལས་ཞོར་ལུས་སྦྱོང་སློབ་གྲྭར་ལུས་རྩལ་རྩེ་བའི་གནས་ཚུལ་ཡིན་པ།

    514774_yis_1527049133646.jpg

    འདི་ནི་སློབ་མ་ལུང་ཆན་ཆན(གཡས)གྱིས་རུ་མི་དང་མཉམ་དུ་རུང་ཅང་རྫོང་ལོ་ཆུང་བྱིས་པའི་ལས་ཞོར་ལུས་སྦྱོང་སློབ་གྲྭར་ལུས་རྩལ་རྩེ་བའི་གནས་ཚུལ་ཡིན་པ།

    514773_yis_1527049133085.jpg

    འདི་ནི་རྩལ་ཁྲིད་པ་ལིའུ་ཡ(རྒྱབ)ཡིས་རུང་ཅང་རྫོང་ལོ་ཆུང་བྱིས་པའི་ལུས་སྦྱོང་སློབ་གྲྭར་སློབ་མ་ལུང་ཤིན་ཧྭ་ལ་རྩལ་ཁྲིད་བྱེད་པའི་གནས་ཚུལ་ཡིན་པ།

    514772_yis_1527049132554.jpg

    འདི་ནི་སློབ་མ་ཀྲང་ཧན་གྱིས་རུང་ཅང་རྫོང་ལོ་ཆུང་བྱིས་པའི་ལས་ཞོར་ལུས་སྦྱོང་ལུས་རྩལ་སློབ་གྲྭར་སྦྱོང་བརྡར་བྱེད་པའི་གནས་ཚུལ་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།