[ English ] [ 中文 ]
0891-6325020
དབུ་ཤོག>འཛམ་གླིང་རྒྱང་ལྟ།>དུས་ཐོག་གསར་འགྱུར།
  • ཀྲུང་གོ་དང་ཧྥ་རན་སེས་ཉིང་རྡུལ་ཞིབ་སྤེལ་ལག་རྩལ་ཁྱབ་ཁོངས་ཀྱི་མཉམ་ལས་བྱེད་ཟབ་ཏུ་བཏང་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-11

     ཚེས་9ཉིན། ཀྲུང་གོ་ཀོང་ཧོ་ཚོགས་པས་བརྡ་ཁྱབ་བཏང་སྟེ། ཚེས་9ཉིན་ཚོགས་པ་དེས་ཧྥ་རན་སེའི་ཚབ་བྱེད་ནུས་རྒྱུ་དང་རྡུལ་ཕྲན་ནུས་པའི་ཨུ་ལྷན(CEA)དང་ཉིང་རྡུལ་ཞིབ་སྤེལ་ལག་རྩལ་ཁྱབ་ཁོངས་ཀྱི་མཉམ་ལས་གྲོས་ཆོད་བཞག་པ་དང་། ཕྱོགས་གཉིས་པོས་ཉིང་རྡུལ་གས་འགྱུར་སྒྲིག་ཆས་ལག་རྩལ་དང་། སྔོན་ཐོན་འབར་རྫས་དང་རྒྱུ་ཆ། འབར་རྫས་འཁོར་རྒྱུག་རྗེས་སྣེ་སོགས་ཐད་མཉམ་ལས་བྱེད་ཟབ་ཏུ་གཏོང་རྒྱུ་ཡིན་པ་རེད།

    གྲོས་ཆོད་ལྟར་ན། ཀྲུང་ཀོང་ཧོ་དང་CEAཡིས་འདྲ་མཉམ་གཉིས་ཕན་དང་། རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས། གྲུབ་འབྲས་མཉམ་སྤྱོད་བཅས་བྱས་པའི་རྨང་གཞིའི་ཐོག་ཉིང་རྡུལ་གློག་ཁང་དང་འབྲེལ་བ་ཡོད་པའི་ཐོན་ལས་འབྲེལ་ཐག་སོགས་ཁྱབ་ཁོངས་སུ་རིམ་པ་དེ་བས་ཟབ་པའི་སྤེལ་རེས་དང་མཉམ་ལས་བྱ་རྒྱུ་ཡིན་པ་རེད།

    ཀྲུང་ཧྥའི་ཉིང་རྡུལ་ནུས་པའི་མཉམ་ལས་ནི་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་དང་ལག་རྩལ་མཉམ་ལས་ཁྱབ་ཁོངས་ཀྱི་ནང་དོན་གལ་ཆེན་ཞིག་ཡིན་པ་དང་། ཀྲུང་ཧྥ་ཉིང་རྡུལ་ནུས་པའི་མཉམ་ལས་ཀྱི་གཙོ་ཤུགས་དམག་ཡིན་པའི་ངོས་ནས་ཀྲུང་ཀོང་ཧོས་ཧྥ་རན་སི་དང་ཉིང་རྡུལ་ནུས་པའི་ཁྱབ་ཁོངས་སུ་མཉམ་ལས་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་ཡོད། ཀྲུང་གོ་ཀོང་ཧོ་ཚོགས་པའི་ཏུང་ཧྲི་ཀྲང་ཧོ་ཡུས་ཀྱིས་ད་རེས་ཧྥ་རན་སེ་དང་ཞིབ་སྤེལ་སོགས་ཁྱབ་ཁོངས་སུ་མཉམ་ལས་གཏིང་ཟབ་བྱས་པ་དེས་རྒྱལ་ཁབ་གཉིས་པོའི་ཉིང་རྡུལ་གློག་ཁང་གི་ཚན་རྩལ་ཁྱབ་ཁོངས་ཐད་ཀྱི་སྤེལ་རེས་དང་ཕན་ཚུན་ཡིད་ཆེས་སྔར་བས་སྲ་བརྟན་དང་ཤུགས་ཆེར་འགྲོ་རྒྱུ་དང་། ཀྲུང་ཧྥའི་ཉིང་རྡུལ་ནུས་པའི་མཉམ་ལས་ཀྱི་བར་མཐོངས་གསར་པ་གཏོད་དེ་འཛམ་གླིང་ཉིང་རྡུལ་གློག་ཁང་གི་བཟོ་ལས་སྤྱི་ཡོངས་ཀྱི་བདེ་འཇགས་ཆུ་ཚད་མཐོ་རུ་འགྲོ་བར་སྐུལ་འདེད་ཐེབས་ནས་རྒྱལ་ཁབ་གཉིས་པོས་ཉིང་རྡུལ་གློག་གི་ཁྱབ་ཁོངས་ཐད་མཉམ་ལས་གསར་པ་བྱེད་པར་རྨང་གཞི་བཏིང་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།