[ English ] [ 中文 ]
0891-6325020
དབུ་ཤོག>འཛམ་གླིང་རྒྱང་ལྟ།>དུས་ཐོག་གསར་འགྱུར།
  • ཁྲའོ་ཞན་གྱིས་མཐོ་རིམ་འཐུས་མི་ཚོགས་པ་མངགས་ཏེ་ཕིང་ཁྲང་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ཞུགས་རྒྱུའི་མོས་མཐུན་བྱས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-11

     ཧན་གོའི་སྨྱན་སྦྱོར་གྱིས་ཚེས་9ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཁྲའོ་ཞན་གྱིས་ཚེས་9ཉིན་འཚོགས་པའི་ཧན་གོ་དང་ཁྲའོ་ཞན་གྱི་མཐོ་རིམ་གྲོས་མོལ་བྱེད་སྐབས་མཐོ་རིམ་འཐུས་མི་ཚོགས་པ་ཁྲའོ་ཞན་མི་རིགས་ཨོ་ལིམ་ཕིག་ཨུ་ལྷན་གྱི་འཐུས་མི་ཚོགས་པ་མངགས་ཏེ་ཕིང་ཁྲང་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ཞུགས་རྒྱུ་རེད་ཅེས་བརྗོད་པ་རེད།

    གཞན་ཡང་ཧན་གོ་མཉམ་འབྲེལ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། གྲོས་མོལ་བྱེད་རིང་ཁྲའོ་ཞན་ཕྱོགས་ཀྱིས་མཐོ་རིམ་འཐུས་མི་ཚོགས་པ་མི་རིགས་ཨོ་ལིམ་ཕིག་ཨུ་ལྷན་གྱི་འཐུས་མི་ཚོགས་པ་མངགས་ཏེ་ཕིང་ཁྲང་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ཞུགས་རྒྱུ་རེད་ཅེས་བརྗོད་ཡོད། དེ་མིན་ཁྲའོ་ཞན་ཕྱོགས་ཀྱིས་ད་དུང་བདམས་ཐོན་པའི་ཚོགས་པ་དང་། ངར་སློང་རུ་ཁག སྒྱུ་རྩལ་ཚོགས་པ། ལྟ་སྐོར་ཚོགས་པ། ཐའེ་ཆོན་དྲག་རྩལ་གྱི་དཔེ་སྟོན་ཚོགས་པ། གསར་འགོད་པའི་ཚོགས་པ་སོགས་ཧན་གོར་འཚམས་འདྲིར་མངགས་རྒྱུ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཁྲའོ་ཞན་དང་ཧན་གོ་ཕྱོགས་གཉིས་པོས་འབྲེལ་ཡོད་གྲོས་མོལ་གྲུབ་འབྲས་ཀྱི་མཉམ་འབྲེལ་གནས་ཚུལ་གཏོང་སྤེལ་ཡིག་ཆའི་འཆར་ཟིན་བརྗེ་རེས་བྱས་པ་དང་འབྲེལ་འཆར་ཟིན་ལ་སྔར་བས་གྲོས་མོལ་ཞིབ་ཕྲ་བྱ་རྒྱུ་རེད།

    ས་གནས་དེའི་དུས་ཚོད་ཚེས་9ཉིན་གྱི་ཆུ་ཚོད་10(པེ་ཅིང་གི་ཆུ་ཚོད་9)པར་ཧན་གོ་དང་ཁྲའོ་ཞན་གྱི་འཐུས་མི་བན་མན་ཏན་གྱི་ཧན་གོ་ཕྱོགས་ཀྱི་ས་ཆར་ཡོད་པའི“ཞི་བདེའི་ཁྱིམ་ཚང”དུ་མཐོ་རིམ་གྲོས་མོལ་བྱེད་འགོ་ཚུགས་ཏེ་ཁྲའོ་ཞན་ཕྱོགས་ཀྱིས་འཐུས་མི་ཚོགས་པ་ཕིང་ཁྲང་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་མངགས་རྒྱུ་དང་ལྷོ་བྱང་གི་འབྲེལ་བ་ལེགས་སུ་གཏོང་རྒྱུ་སོགས་ཀྱི་གྲོས་འགོར་གྲོས་བསྡུར་བྱས་པ་རེད། དེ་ནི་2015ལོའི་ཟླ་12པར་ཧན་གོ་དང་ཁྲའོ་ཞན་གཉིས་ཀྱི་པུའུ་ཀྲང་གཞོན་པ་རིམ་པའི་གྲོས་མོལ་བྱས་རྗེས་ཀྱི་ཕྱོགས་གཉིས་ཀྱི་སྲིད་གཞུང་དབར་གྱི་གྲོས་མོལ་བྱེད་ཐེངས་དང་པོ་དེ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།