[ English ] [ 中文 ]
0891-6325020
དབུ་ཤོག>འཛམ་གླིང་རྒྱང་ལྟ།>དུས་ཐོག་གསར་འགྱུར།
  • ཨེན་འབྲེལ་དྲ་རྒྱ་ཀུང་སིའི་མཐོ་རིམ་དོ་དམ་མི་སྣས་མིས་སྙིང་ལྕགས་ཀྱི་བདེ་འཇགས་སྐྱོན་ཆ་སྤྱོད་མཁན་ཡོད་པ་ཤེས་རྟོགས་མ་བྱུང་ཞེས་བརྗོད་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-11

     གོ་ལ་ཧྲིལ་པོའི་སྙིང་ལྕགས་བཟོ་གྲྭ་ཆེ་ཤོས་ཨེན་འབྲེལ་ཀུང་སིས་ཉིན་ཤས་གོང་དེའི་སྙིང་ལྕགས་ལ་བདེ་འཇགས་ཀྱི་སྐྱོན་ཆ་ལྡན་པ་ཁྱབ་བསྒྲགས་བྱས་ཤིང་། ཚེས་8ཉིན་ཨེན་འབྲེལ་ཀུང་སིའི་དབུ་བཞུགས་ལག་བསྟར་དཔོན་པུའུ་ལའེ་ཨེན·ཁེར་ཀྲ་ཉི་ཆིས་ཨ་རིའི་ལ་སི་ཝུའེ་ཅ་སིའི་འཛད་སྤྱོད་གློག་རྡུལ་འགྲེམས་སྟོན་ཐོག་སྐྱོན་ཆ་དེ་དག་སྤྱད་ནས་གྲངས་གཞི་བརྐུ་མཁན་ཡོད་པ་ཤེས་རྟོགས་མ་བྱུང་ཞེས་བཤད་པ་དང་འབྲེལ་སྤྱོད་མཁན་ལ་དུས་ཐོག་ཏུ་ལྷན་རྒྱག་མཉེན་ཆས་སྒྲིག་སྦྱོར་བྱེད་དགོས་པའི་དྲན་སྐུལ་ཡང་བྱས་པ་རེད།

    470636_yis_1515557770106.jpg

    འདི་ནི་ཨེན་འབྲེལ་ཀུང་སིའི་དབུ་བཞུགས་ལག་བསྟར་དཔོན་པུའུ་ལའེ་ཨེན·ཁེར་ཀྲ་ཉི་ཆིས་ཨ་རིའི་ལ་སི་ཝུའེ་ཅ་སིའི་འཛད་སྤྱོད་གློག་རྡུལ་འགྲེམས་སྟོན་གྱི་སྨྱན་སྦྱོར་ཉིན་མོར་གཏམ་བཤད་སྤེལ་བའི་གནས་ཚུལ་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།