[ English ] [ 中文 ]
0891-6325020
དབུ་ཤོག>འཛམ་གླིང་རྒྱང་ལྟ།>གོ་ལ་ཧྲིལ་པོར་ལྟ་བ།
  • ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་གྱི་དམིགས་བསལ་སྦྲག་འཛིན་གྱི་པར་ཕུད་འགྲེམས་སྤེལ་ཐོག་མར་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-18

    633285_yis_1560749903537.jpg

    ཉེ་ཆར། ཀྲུང་ཡོའི་དུས་གཏན་མེ་འཁོར(དབྱི་ཨུ་--མ་ཏེ་རི་བར)གྱི་དམིགས་བསལ་སྦྲག་འཛིན་ཀྲེ་ཅང་ཞིང་ཆེན་དབྱི་ཨུ་གྲོང་ཁྱེར་དང་སི་ཕེན་དུ་དུས་མཚུངས་འགྲེམས་སྤེལ་བྱས་པ་རེད། 

    ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར(དབྱི་ཨུ་--མ་ཏེ་རི་བར)གྱི་དམིགས་བསལ་སྦྲག་འཛིན་དེ་ནི་གྲགས་ཅན་སྦྲག་འཛིན་ཇུས་འགོད་པ་ཅང་ཝེ་ཡིས་ཏེན་མག་གི་གྲགས་ཅན་རྐོས་རིས་མཁས་ཅན་མ་ཏིང·མོ་ཁེ་དང་མཉམ་དུ་བཟོས་པ་ཞིག་ཡིན་པ་དང་། སྦྲག་འཛིན་གཉིས་སྦྲེལ་བ་དེ་ཐོག་ནས་ཀྲུང་ཡོའི་དུས་གཏན་མེ་འཁོར་ནི་རྒྱལ་ཁབ་གཉིས་དབར་སྦྲེལ་མཐུད་བྱེད་པའི་དཔལ་འབྱོར་སྦྲེལ་ཐག་ཡིན་པ་དང་ཀྲུང་གོ་དང་སི་ཕེན་གྱི་མཛའ་གྲོགས་སྤེལ་རེས་ཀྱི་མཚོན་རྟགས་ཡིན་ཞིང་། འདི་ནི་དམིགས་བསལ་སྦྲག་འཛིན་བཟོ་མཁན་ཏེན་མག་གི་རྐོས་རིས་མཁས་ཅན་སྐུ་ཞབས་མ་ཏིང·མོ་ཁེས་དམིགས་བསལ་སྦྲག་འཛིན་ཐོག་མིང་རྟགས་འགོད་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།